招标公告详情

谢通门县安全生产举报奖励实施办法(藏汉双语)

正文内容

****安全生产举报奖励实施办法(藏汉双语) 第一章 总则 第一条为加强安全生产工作的社会监督,鼓励举报安全生产重大事故隐患、非法违法行为和瞒报谎报生产安全事故行为,及时发现并排除事故隐患,制止和惩处非法违法行为,打击瞒报、谎报生产安全事故行为,依据《中华人民**国安全生产法》《**自治区安全生产条例》《**自治区安全生产举报奖励办法》等有关法律法规要求,结合****实际,制定本办法。 第二条 本办法适用于本*行政区域内安全生产重大事故隐患、一般安全隐患、非法违法行为和瞒报谎报生产安全事故的举报奖励。其他法律、法规关于安全生产举报奖励另有规定的,从其规定。 第三条任何单位、组织和个人(以下统称为举报人)有权向*级人民政府应急管理部门和对有关行业、领域的安全生产工作实施监督管理的部门(以下统称负有安全生产监督管理职责部门)举报安全生产重大事故隐患、一般安全隐患、非法违法行为和瞒报谎报生产安全事故的行为。 第四条 本办法所称安全生产重大事故隐患、一般安全隐患、非法违法行为和瞒报谎报生产安全事故行为,依照下列情形认定。安全生产重大事故隐患,是指危害和整改难度较大,应当全部或者局部停产停业,并经过一定时间整改治理方能排除的隐患,或者因外部因素影响致使生产经营单位自身难以排除的隐患。重大事故隐患的判定标准,按照负有安全生产监督管理职责的部门制定并向社会公布的判定标准认定。一般安全隐患,是指在道路交通、消防、燃气、危化品、非煤矿山、工贸、项目施工、森林草原防火、自建房屋、旅游、寺庙、农牧业等领域存在现实安全隐患,应当采取措施及时能够整改排除的一般安全隐患,范围由负有具体安全生产监督管理部门制定。安全生产非法行为,是指公民、法人或者其他组织未依法取得负有安全生产监督管理职责部门的行政许可,擅自从事生产经营活动的行为,或该行政许可已经失效,继续从事生产经营活动的行为。安全生产违法行为,是指公民、法人或其他组织违反有关安全生产法律、法规、规章、国家标准、行业标准的规定,从事生产经营的行为。瞒报生产安全事故,是指隐瞒已经发生的事故,超过规定时限未向应急管理部门和有关部门报告,经查证属实的。谎报生产安全事故,是指故意不如实报告事故发生的时间、地点、初步原因、性质、伤亡人数和涉险人数、直接经济损失等有关内容,经查证属实的。 第五条举报人应当提供真实有效的联系方式,鼓励实名举报,以备核查过程中了解举报线索、反馈结果和发放奖励。举报内容应包括明确的被举报对象、具体的事故隐患、非法违法行为或瞒报谎报事故的基本情况。 第六条负有安全生产监督管理职责的部门开展举报奖励工作,应当遵循“合法举报、适当奖励、属地管理、分级负责”和“谁受理、谁奖励”的原则。 第二章举报受理、核查 第七条举报受理应当坚持“属地为主、分级受理、行业负责”和“谁主管、谁负责,谁审批、谁负责”的原则。 第八条负有安全生产监督管理职责的部门应当向社会公布本行业领域、本部门的举报电话(传真)、通信地址、网站网址、微信公众号、电子邮箱等。举报人可以通过****安全生产委员会办公室座机电话(****—*******)、手机号码(***********、***********)、电子邮箱号(***********)或者相关部门公布的举报方式或走访,举报安全生产重大事故隐患、一般安全隐患、非法违法行为和瞒报谎报生产安全事故的行为。 第九条负有安全生产重大事故隐患、一般安全隐患、非法违法行为和瞒报谎报生产安全事故的举报事项。应遵守以下规定: (一)各级负有安全生产监督管理职责的部门负责受理本辖区职责范围内的举报事项。必要时,上级部门可以依照职责直接核查处理辖区内的举报事项,也可移交或指定下级部门办理举报事项。上级部门交由下级部门核查处置的,应当跟踪督导督办,下级部门应对结果负责。 (二)受理举报的负有安全生产监督管理职责的部门应当及时核查处理举报事项,自受理之日起 ** 日内办结;情况复杂的,经上一级部门批准,可以适当**核查处理时间,但**期限不得超过 ** 日,并告知举报人延期理由。受核查手段限制,无法查清的,应及时报告有关地方政府,由其牵头组织核查。 (三)举报事项不属于本单位受理范围的,接到举报的负有安全生产监督管理职责的部门应当将核查结果和举报材料转交应急管理部门,由应急管理部门明确核查牵头单位进行核查。 (四)举报事项涉及两个或以上负有安全生产监督管理职责的部门的,各部门依据各自职责分别核查处置,并及时答复举报人。 (五)举报一般安全隐患的负有安全生产监督管理职责部门要如实登记举报事实,举报奖励兑现证据材料及时建立台账,并季度向*安委办申领奖励资金。 第十条常见一般安全隐患和安全生产违法行为受理范围 (一)道路交通安全领域 *.公路客运或者载客车辆超员、客货混装的; *.非营运车辆违法载客的; *.酒后驾驶机动车的; *.举报无证驾驶、驾驶拼装或已达报废标准机动车上路违法行为的; *.交通肇事后逃逸的; *.摩托车未戴头盔、三轮电动车、拖拉机违规载人的; *.道路因泥石流、结冰、塌方等问题存在道路交通安全隐患的; *.在***域内的灯控路口,机动车、非机动车未按交通信号指示灯通行,影响交通秩序的; *.*城街道违规停放车辆,影响公共安全的; **.道路边上有落石危险,涵洞、桥梁存在安全隐患的; (二)消防安全领域 *.消防设施、器材或者消防安全标志的配置、设置不符合国家标准、行业标准,或者未保持完好有效的; *.损坏、挪用或者擅自拆除、停用消防设施、器材的; *.占用、堵塞、封闭疏散通道、安全出口和消防车通道;安全出口和疏散楼梯数量不足、宽度不够;应急广播、应急照明、疏散指示标志损坏的; *.埋压、圈占、遮挡消火栓或者占用防火间距的; *.电器线路老化、未穿管保护;大功率用电器超负荷使用的;电器线路私拉乱接;电动自行车“飞线充电”以及占用、堵塞消防通道和安全出口的; *.人员密集场所、建设工程施工现场临时用房、各类人员住宿场所采用聚苯乙烯、聚氨酯泡沫夹芯彩钢板;公众聚集场所违反消防技术标准,采用易燃、可燃材料装修的; *.人员密集场所在门窗上设置影响逃生和灭火救援障碍物的; *.违规使用明火或者电焊、气焊作业;施工现场动火动焊作业、带火花作业与具有火灾、爆炸风险作业交叉进行的; *.生产、储存、经营易燃易爆危险品的场所与居住场所设置在同一建筑物内,或者未与居住场所保持安全距离的; **.生产、储存、经营其他物品的场所与居住场所设置在同一建筑物内,不符合国家工程建设消防技术标准的; **.使用不符合*场准入的、不合格的或国家明令淘汰的消防产品的; **.农牧群众院内焚烧杂草无人看守,存在火灾隐患的; **.农牧区群众居住、饲草、燃料三合一场所存在火灾隐患的; **.其他消防安全违法行为的; (三)燃气安全领域 *.发现餐饮店未安装燃气报警装置的; *.发现餐饮店未安装燃气阻断装置的; *.发现餐饮店软管老化破损的; *.发现餐饮店软管穿墙超过两米的(从储藏室接至操作间); *.发现餐饮店罐装总量超***公斤未设置燃气储存间的; *.发现加气站未按规定放加气人员和车辆进入加气站的; (四)危险化学品(烟花爆竹)安全领域 *.烟花爆竹储存仓库外部安全距离、布局、建筑结构等安全设施未达到国家法律、法规规定的; *.烟花爆竹零售(点)在禁放区域设立的; *.烟花爆竹零售(点)从业人员未经过经过安全知识教育的; *.携带烟花爆竹搭乘公共交通工具,或邮寄、托运烟花爆竹的; *.非法擅自在网络平台、微信朋友圈等兜售烟花爆竹的; *.加油站未健全安全生产管理制度、操作规程等相关资料的,或制度、操作规程内容不完善的; *.加油站未取得主要负责人、安全管理人员安全培训合格证件的; *.加油站主要负责人、安全管理人员长期不在岗的; **.加油站未规定开展应急演练的; **.危险化学品运输车辆违规停放,影响公共安全的; (五)工贸行业安全领域 *.粉尘涉爆企业存在不同种类的可燃性粉尘、可燃粉尘与可燃气体等易加剧爆炸危险的介质共用一套除尘系统,不同防火分区的除尘系统互联互通等问题隐患的; *.有限空间作业的工贸企业安全生产制度和规程未健全,未对从事有限空间作业的现场负责人、监护人员、 作业人员、应急救援人员进行专项安全培训,未严格遵守“先通风、再检测、后作业”的原则等要求的; *.涉氨制冷企业未开展安全辨识、重大危险源分级管控,制冷机房、加氨站、贮氨器等区域不符合规定,通风、防爆措施落实不到位的; *.企业通风、防爆措施落实不到位,擅自组织工程施工的; *.未严格履行动火等危险作业审批的; *.承租单位和分包单位未明确安全生产职责的; *.设施设备未定期保养维护的; (六)非煤矿山安全领域 根据《**自治区非煤矿山安全生产“八查八到位”具体措施》制定。 *.矿山企业主要负责人(含实际控制人)长期不在岗,不履行安全生产管理职责的; *.矿山企业主要负责人(含实际控制人)和安全管理人员安全生产知识和管理能力考核合格证过期或者未参加继续教育的; *.未按要求配备地质、采矿、通风等技术人员,未配备注册安全工程师的; *.特种作业人员未持证上岗的; *.未按规定穿戴劳动防护用品(矿山工作服、安全帽、防电防穿刺矿工鞋等)从事矿山作业的; *.没有按照采矿设计方案进行开采的; *.汛期时尾矿库未安排全天**小时值班值守,未记录巡查检查情况与监测数据的; *.管理人员违章指挥、强令冒险作业的; *.采场未设置或者缺少禁止、警告、指令、提示等安全标志的; **.未按要求配备应急救援装备、物资,或装备、物资损坏的; (七)项目施工安全领域 *.项目经理、技术负责人、专职安全员、施工员、监理员、项目部各职能部门安全生产责任制不健全,各部门管理人员的安全生产责任制流于形式的; *.项目经理、技术负责人、专职安全员长期不在岗,不履行安全生产管理职责的; *.项目部未组织各工种工人学习安全操作规程的; *.安全生产责任制不健全、不落实,各工种工人不懂各自的安全操作规程的; *.对专业性较强、危险性较大的分部分项工程未编制专项施工组织设计的; *.安全检查无记录、隐患整改不及时的; *.特种作业工作未持证上岗或持过期证件上岗的; *.施工现场无安全警示标志,或安全警示标志的布置不符合规范要求的; *.进点员工未进行安全培训教育就安排上岗作业的; (八)森林草原防火安全领域 *.未经批准报备焚烧垃圾且无人看管的; *.未经批准报备在草地和林地上组织实施爆破、勘察、开采矿藏、抢修设备及输配电路时火星外溢的; *.未成年和智障及精神有问题人群持有火源,违规进入重点公益林和草地、人工草地的; (九)校园安全领域 *.校内在建工程未设置防护栏隔离、防护设施或警示标志的; *.校园内建筑存在严重质量问题,使用危房、危楼作为教学建筑的; *.校园建筑楼顶可能存在的堆积物、有可能坠落的物体;楼顶存在开裂、塌陷、漏水等现象的; *.学校缺乏应对各种突发事件所需应急物资、装置的; *.学校未定期演练地震、消防等灾害应急演练的; *.学生食堂燃具应设置熄火保护装置、报警器和紧急切断阀等安全保护装置的; *.学校安装、使用不符合气源要求燃气燃烧器具的; *.校园周边道路和离开校园周边道路处,未设置限制速度标志及解除限制速度标志或区域限制速度及解除标志得的; *.学校危险化学品贮藏室未符合有关安全、防火规定,未设置相应的防火、防潮、防静电、防腐、防渗漏等安全设施的; (十)自然灾害领域 *.江河水位超出警戒水位的; *.水库蓄水超出警戒水位的; *.违规河道采砂行为。如:乱采乱挖,无证开采的; *.河水流向反常,影响群众生产和生活区的; *.河道堤坝塌方、冲毁,影响群众生产和生活区的; *.降雨、地震等自然灾害或房屋老旧等因素造成房屋存在安全隐患的; *.群众生活区安全范围之内可能存在山洪、崩塌、滑坡、泥石流等地质灾害安全隐患的; *.*城下水管道堵塞,可能引起内涝隐患的; *.自然灾害预警信息发布不及时的; (十一)其他安全领域 第十一条举报事项具有下列情形之一的,不予受理: (一)不属于安全生产领域的; (二)无明确的举报对象或者具体的举报事项; (三)已经受理且正在核查处置的举报事项,单一举报人重复举报的; (四)被举报事项已被有关部门掌握,已责令限期改正或正在调查处理的,或者新闻媒体已经曝光的; (五)应当通过行政复议、诉讼、仲裁等途径解决的,或已进入司法程序的; (六)其他不符合法律、法规受理范围的举报事项。 第十二条负责举报受理、核查、奖励发放等事项的工作人员,应当严格遵守保密制度。不得以任何方式泄漏举报人个人信息和举报内容等相关材料。 第三章 举报奖励 第十三条举报奖励应当遵循“合法举报、适当奖励、属地管理、分级负责”和“谁主管、谁查处、谁奖励”的原则。 第十四条举报奖励事项应当同时符合下列条件: (一)有明确的被举报对象和具体的安全生产重大事故隐患和非法违法行为; (二)举报事项未被负有安全生产监督管理职责的部门发现或未作依法处理的; (三)举报事项经负有安全生产监督管理职责的部门核查属实的。 第十五条有下列情形之一的,不属于本办法奖励范围: (一)履行安全生产监督管理职责的工作人员及其近亲属或其授意他人的举报; (二)举报的重**全事故隐患、非法违法行为、瞒报谎报生产安全事故行为已被立案查处的; (三)匿名举报或不提供有效联系方式的; (四)其他不符合法律、法规的奖励情形。 第十六条 举报事项经核查属实的,应当按下列规定对举报人给予奖励: (一)对举报安全生产重大事故隐患、非法违法生产经营建设的,奖励金额按照行政处罚金额的**%计算,最低奖励****元,奖励最高不超过**万元;生产经营单位从业人员举报其所在单位重大事故隐患和安全生产违法行为的,应在领取奖金前提供签订的有效劳动合同等可以证明其生产经营单位从业人员身份的材料。生产经营单位从业人员直系亲属举报重大事故隐患和安全生产违法行为的,应在领取奖金前提供户口簿复印件或其他能证明其关系的材料。经核查属实的,奖励金额上浮**%,最高不超过**万元。一般安全隐患由各负有安全监管职责的部门结合业务实际,自行商定奖励金额,最高不高于****元;方便群众兑现举报奖励,最大限度发挥举报机制作用,举报常见一般安全隐患和安全生产违法行为奖励兑现可进行线上电话话费充值,充值金额**元至***元。 (二)对举报瞒报、谎报事故的,按照最终确认的事故等级和查实举报的瞒报谎报死亡人数给予奖励。其中:其中:一般事故按每查实瞒报谎报*人奖励*万元计算;较大事故按每查实瞒报谎报*人奖励*万元计算;重大事故按每查实瞒报谎报*人奖励*万元计算;特别重大事故按每查实瞒报谎报*人奖励*万元计算。最高奖励不超过**万元。 第十七条多人多次举报同一事项的,对受理时间最先的举报人给予奖励,后续举报人不再奖励。多人联名举报同一事项的,由举报的第一署名人或者第一署名人书面委托的其他署名人领取奖金。 第十八条举报人接到领奖通知后,应当在 ** 日内凭举报人有效证件到指定地点领取奖金,或提供银行账号通过转账方式领取。逾期未领取奖金者,视为放弃领奖权利;能够说明合理理由的,可以** ** 日领取奖金;举报人主动放弃奖励的,终止奖励程序。 第十九条奖金的具体数额由负责核查处理举报事项的各级负有安全生产监督管理职责的部门根据具体情况确定,举报奖金应当一次性发放。 第四章 监督管理 第二十条各级政府应当将安全生产重大事故隐患、非法违法行为的举报奖励工作纳入安全生产责任制考核。 第二十一条各级负有安全生产监督管理职责的部门应当建立健全安全生产重大事故隐患、非法违法行为和瞒报谎报生产安全事故行为举报的受理、核查、处理、协调、督办、移送、答复、统计和报告等制度,并建立举报事项档案资料和台账,及时归档,留存备查。 第二十二条安全生产举报奖励资金纳入同级财政预算,专款专用,接受财政、审计等部门的监督检查,自觉接受纪检监察机关专责监督。 第二十三条举报人举报的事项应当客观真实,不得捏造、歪曲事实,不得诬告、陷害他人和单位;否则,一经查实,依法追究举报人的法律责任。 第二十四条国家机关及其工作人员在处理举报事项过程中有下列情形之一的,依法依规追究责任: (一)对属于其法定职权范围的举报事项不予受理的; (二)对应当登记、交办、移交而未按规定登记、交办、移交的; (三)推诿、敷衍、拖延举报核查事项办理,未在规定期限内办结举报事项或者依法答复举报人,以及未按规定及时给予奖励的; (四)未及时履行督导督办职责的; (五)违反保密规定,泄露举报相关事项,或将有关举报材料、举报内容、举报人信息、奖励情况等透露或者转交给被举报单位或者被举报对象的。 第五章 附则 第二十五条本办法所称的实名举报,是指举报人提供真实姓名和真实有效联系方式的举报行为。 第二十六条本办法由*应急管理局**财政局负责解释。 第二十七条本办法自印发之日起施行。 བཞད་མཐོང་སྨོན་རྫོང་གི་བདེ་འཇགས་ཐོན་སྐྱེད་ཐེར་འདོན་བྱ་དགའ་སྤྲོད་པའི་ལག་བསྟར་བྱ་ཐབས། ལེའུ་དང་པོ།སྤྱིའི་རྩ་དོན། དོན་ཚན་དང་པོ། བདེ་འཇགས་ཐོན་སྐྱེད་ལས་ཀར་སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ།བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ལས་འཛོལ་འབྱུང་གཞི་ཚབས་ཆེན་དང་ཁྲིམས་འགལ་གྱི་བྱ་སྤྱོད་དེ་བཞིན་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་རྫུན་ཞུ་བཅས་བྱེད་པའི་བྱ་སྤྱོད་ཐེར་འདོན་བྱེད་པར་སྐུལ་མ་དང་། ལས་འཛོལ་འབྱུང་གཞི་དུས་ཐོག་ཏུ་ཤེས་རྟོགས་དང་སེལ་བ། ཁྲིམས་འགལ་གྱི་བྱ་སྤྱོད་བཀག་འགོག ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་སྦས་སྐུང་དང་རྫུན་ཞུ་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་བཅས་བྱ་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག》《བོད་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཐེར་འདོན་བྱ་དགའ་སྤྲོད་ཐབས》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་བླང་བྱ་གཞིར་བཟུང་།བཞད་མཐོང་སྨོན་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་འདི་གཏན་དུ་ཕབ་པ་ཡིན། དོན་ཚན་གཉིས་པ།བྱ་ཐབས་འདི་རང་རྫོང་གི་སྲིད་འཛིན་ས་ཁོངས་ནང་གི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཚབས་ཆེན་དང་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྤྱིར་བཏང་བ།ཁྲིམས་འགལ་གྱི་བྱ་སྤྱོད།ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་རྫུན་ཞུ་བཅས་ཐེར་འདོན་བྱ་སྤྱོད་ལ་བྱ་དགའ་སྤྲོད་ཆོག བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཐེར་འདོན་བྱ་དགའ་སྤྲོད་རྒྱུའི་སྐོར་གཏན་འབེབས་ལོགས་སུ་བྱས་ཡོད་ན།དེ་བཞིན་གཏན་འབེབས་བྱ་རྒྱུ། དོན་ཚན་གསུམ་པ།ཚན་པ་དང་།རྩ་འཛུགས།མི་སྒེར་བཅས་གང་ཞིག་ཡིན་རུང་(གཤམ་དུ་དེའི་སྤྱི་མིང་ལ་ཐེར་འདོན་བྱེད་མཁན་ཞེས་འབོད་རྒྱུ)རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འཕྲལ་རྐྱེན་མྱུར་སེལ་དོ་དམ་ཅུད་དང་འབྲེལ་ཡོད་ཚན་པ་དེ་བཞིན་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་ཀར་ལྟ་སྐུལ་དོ་དམ་བྱེད་མཁན་ཚན་པ(གཤམ་དུ་དེའི་སྤྱི་མིང་ལ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་བྱེད་འགན་ཚན་པ་ཅེས་འབོད་རྒྱུ)བཅས་ལ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཚབས་ཆེན་དང་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྤྱིར་བཏང་བ།ཁྲིམས་འགལ་གྱི་བྱ་སྤྱོད།ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་རྫུན་ཞུ་བཅས་བྱེད་པའི་བྱ་སྤྱོད་ཐེར་འདོན་བྱེད་དབང་ཡོད། དོན་ཚན་བཞི་པ།བྱ་ཐབས་འདིར་བརྗོད་པའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་རྐྱེན་ངན་འབྱུང་གཞི་ཚབས་ཆེན་དང་། སྤྱིར་བཏང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན།ཁྲིམས་འགལ་གྱི་བྱ་སྤྱོད།ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་སྦ་གསང་དང་རྫུན་ཞུ་བཅས་བྱེད་པའི་བྱ་སྤྱོད་བཅས་གཤམ་གསལ་གྱི་གནས་ཚུལ་ལྟར་ངོས་འཛིན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ལས་འཛོལ་རྐྱེན་ངན་འབྱུང་གཞི་ཚབས་ཆེན་ཞེས་པ་ནི་གནོད་སྐྱོན་དང་དག་ཐེར་གྱི་དཀའ་གནད་ཅུང་ཆེ་བ་ཡོད་པས་ཐོན་སྐྱེད་དང་གཉེར་སྐྱོང་ཚན་པ་ཡོངས་རྫོགས་སམ་ཆ་ཤས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཚམས་འཇོག་དགོས་པ་མ་ཟད།དུས་ཚོད་ངེས་ཅན་ཞིག་གི་རིང་ལ་དག་ཐེར་དང་བཅོས་སྐྱོང་བྱས་ན་མ་གཏོགས་སེལ་མི་ཐུབ་པའི་མངོན་མེད་རྐྱེན་ངན་སམ་ཡང་ན་ཕྱིའི་རྒྱུ་རྐྱེན་གྱི་དབང་གིས་ཐོན་སྐྱེད་གཉེར་སྐྱོང་ཚན་པ་རང་སོ་སོས་ཀྱང་སེལ་མི་ཐུབ་པའི་མངོན་མེད་རྐྱེན་ངན་རིགས་ལ་ཟེར།ལས་འཛོལ་རྐྱེན་ངན་འབྱུང་གཞི་ཚབས་ཆེན་གྱི་བརྡར་གཅོད་ཚད་གཞི་ནི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁུར་ཚན་པས་གཏན་འབེབས་བྱས་པ་མ་ཟད་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་པའི་བརྡར་གཅོད་ཚད་གཞི་ལྟར་གཏན་འཁེལ་བྱ་རྒྱུ། སྤྱིར་བཏང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞེས་པ་ནི་གཞུང་ལམ་འགྲིམ་འགྲུལ་དང་། མེ་ཟོན། སོལ་རླངས། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས། རྡོ་སོལ་མིན་པའི་གཏེར་ཁ། བཟོ་ལས་དང་ཉོ་ཚོང་། རྣམ་གྲངས་ཀྱི་ཨར་ལས་བཅས་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན། སྡོད་ཁང་རང་སྐྲུན། ཡུལ་སྐོར། དགོན་སྡེ། ཞིང་འབྲོག་ལས་སོགས་ཁྱབ་ཁོངས་སུ་དངོས་ཡོད་ཀྱི་བདེ་འཇགས་མངོན་མེད་རྐྱེན་ངན་ཡོད་ཚེ་བྱེད་ཐབས་སྤྱད་དེ་མངོན་མེད་རྐྱེན་ངན་སེལ་ཐབས་བྱེད་ཐུབ་མིན་དེ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཚན་པས་གཏན་འབེབས་བྱ་རྒྱུ། བདེ་འཇགས་ཐོན་སྐྱེད་ཐད་ཁྲིམས་དང་མི་མཐུན་པའི་བྱ་སྤྱོད་ཅེས་པ་ནི་སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གིས་ཁྲིམས་ལྟར་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁུར་ཚན་པའི་སྲིད་འཛིན་བཀའ་འཁྲོལ་མ་ཐོབ་པར་རང་དགར་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོ་སྤེལ་བའམ་ཡང་ན་སྲིད་འཛིན་བཀའ་འཁྲོལ་དེ་གོ་མི་ཆོད་པར་གྱུར་ནས་མུ་མཐུད་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོ་སྤེལ་བའི་བྱ་སྤྱོད་ལ་ཟེར། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཅེས་པ་ནི་སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་བཅས་ཀྱིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། རྒྱལ་ཁབ་ཀྱི་ཚད་གཞི། ལས་རིགས་ཀྱི་ཚད་གཞིའི་སྐོར་གྱི་གཏན་འབེབས་དང་འགལ་ཏེ་ཐོན་སྐྱེད་གཉེར་སྐྱོང་བྱས་པའི་བྱ་སྤྱོད་ལ་ཟེར། ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་སྦས་གསང་བྱས་པ་ཞེས་པ་ནི་ཐོན་ཟིན་པའི་ལས་འཛོལ་སྦས་གསང་བྱས་ཏེ་གཏན་འབེབས་ཀྱི་དུས་ཚད་ལས་བརྒལ་ཡང་འཕྲལ་རྐྱེན་མྱུར་སེལ་དོ་དམ་ཚན་པ་དང་འབྲེལ་ཡོད་ཚན་པ་ལ་སྙན་སེང་ཞུས་མེད་པར་བརྟག་དཔྱད་བྱས་ཏེ་དོན་དངོས་ཡིན་པར་ཟེར། ཐོན་སྐྱེད་བདེ་འཇགས་ཐད་ཀྱི་དོན་རྐྱེན་རྫུན་ཞུ་བྱས་པ་ཞེས་པ་ནི་ཤེས་བཞིན་དུ་དོན་རྐྱེན་བྱུང་བའི་དུས་ཚོད་དང་། ས་གནས། ཐོག་མའི་རྒྱུ་རྐྱེན།ངོ་བོ། ཤི་རྨས་བྱུང་བའི་མི་གྲངས། ཉེན་ཁ་དང་འབྲེལ་བའི་མི་གྲངས། དཔལ་འབྱོར་ཐད་ཀྱི་གྱོང་གུན་ཐད་ཀར་ཕོག་པ་སོགས་ཀྱི་འབྲེལ་ཡོད་ནང་དོན་ཇི་མ་ཇི་བཞིན་མ་ཞུས་པར་བརྟག་དཔྱད་བྱས་ནས་དོན་དངོས་ཡིན་པ་ར་སྤྲོད་བྱུང་ཡོད། དོན་ཚན་ལྔ་པ།ཐེར་འདོན་བྱེད་མཁན་གྱིས་དོན་དངོས་དང་མཐུན་ཞིང་ཕན་ནུས་ལྡན་པའི་འབྲེལ་གཏུག་བྱེད་ཐབས་འདོན་སྤྲོད་བྱས་ཏེ། མིང་ངོ་མ་བཀོད་ནས་ཐེར་འདོན་བྱེད་པར་བསྔགས་སྐུལ་བྱས་ཏེ།ཞིབ་བཤེར་བྱེད་པའི་གོ་རིམ་ཁྲོད་ཐེར་འདོན་ཁུངས་སྣེ་དང་ལྡོག་འདྲེན་མཇུག་འབྲས།བྱ་དགའ་སྤྲོད་རྒྱུ་བཅས་རྒྱུས་ལོན་བྱེད་པར་གྲ་སྒྲིག་བྱ་དགོས།ཐེར་འདོན་བྱས་པའི་ནང་དོན་དུ་ཐེར་འདོན་གོང་ཞུ་བྱ་ཡུལ་དང་།དངོས་ཡོད་ཀྱི་ལས་འཛོལ་བྱུར་ཉེས།ཁྲིམས་འགལ་གྱི་བྱ་སྤྱོད།རྫུན་ཞུ་བྱས་པའི་དོན་རྐྱེན་གྱི་གཞི་རྩའི་གནས་ཚུལ་བཅས་གསལ་བོར་འགོད་དགོས། དོན་ཚན་དྲུག་པ།བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁུར་ཚན་ཁག་གིས་ཐེར་འདོན་བྱ་དགའ་སྤྲོད་པའི་ལས་ཀ་བྱེད་སྐབས“ཁྲིམས་དང་མཐུན་པའི་ཐེར་འདོན་དང་།བྱ་དགའ་འོས་འཚམ།མངའ་ཁོངས་དོ་དམ།རིམ་པ་ཕྱེ་ནས་འགན་འཁུར་བ”དང་“སུས་བདག་སྤྲོད་བྱས་ན་དེས་བྱ་དགའ་སྤྲོད་པ”བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས། ལེའུ་གཉིས་པ།ཐེར་འདོན་བདག་སྤྲོད་དང་ཞིབ་བཤེར་བྱེད་ཕྱོགས་སྐོར། དོན་ཚན་བདུན་པ།ཐེར་འདོན་བདག་སྤྲོད་བྱེད་སྐབས“ཁོངས་གཏོགས་ཁུལ་གཙོ་བོར་འཛིན་རྒྱུ་དང་།རིམ་པ་ཕྱེ་ནས་བདག་སྤྲོད་བྱ་རྒྱུ།ལས་རིགས་ཀྱིས་འགན་འཁུར་རྒྱུ”དང་“སུས་གཙོ་སྐྱོང་བྱས་ན་དེས་འགན་འཁུར་རྒྱུ་དང་།སུས་ཞིབ་མཆན་བཀོད་ན་དེས་འགན་འཁུར་རྒྱུ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱ་དགོས། དོན་ཚན་བརྒྱད་པ།བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁུར་ཚན་ཁག་གིས་སྤྱི་ཚོགས་ལ་ལས་རིགས་དེ་གའི་ཁྱབ་ཁོངས་དང་ཚན་ཁག་དེ་གའི་ཐེར་འདོན་ཁ་པར(བརྙན་སྐྱེལ)དང་།འཕྲིན་གཏོང་ས་གནས། དྲ་ཚིགས་གནས་ཡུལ།སྐད་འཕྲིན་སྤྱི་རྟགས།གློག་རྡུལ་ཡིག་སྒམ་སོགས་ཁྱབ་བསྒྲགས་བྱ་དགོས།ཐེར་འདོན་བྱེད་མཁན་གྱིས་བཞད་མཐོང་སྨོན་རྫོང་གི་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཁ་པར་ཨང་གྲངས(****—*******)དང་།དེ་མིན་ཨང་གྲངས།(***********དང་།***********)གློག་རྡུལ་ཡིག་སྒམ་ཨང་གྲངས།(***********.*.com)ཡང་ན་འབྲེལ་ཡོད་ཚན་ཁག་གིས་ཡོངས་བསྒྲགས་བྱས་པའི་ཐེར་འདོན་བྱེད་སྟངས་སམ་ངོ་བཅར་བཅས་བརྒྱུད་དེ།ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་རྐྱེན་ངན་འབྱུང་གཞི་ཚབས་ཆེན། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྤྱིར་བཏང་པ།ཁྲིམས་དང་མི་མཐུན་པར་སྦས་གསང་དང་ཐོན་སྐྱེད་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་བཅས་ཐེར་འདོན་བྱས་ཆོག། དོན་ཚན་དགུ་པ།བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ལས་འཛོལ་འབྱུང་གཞི་ཚབས་ཆེན་དང་།བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་སྤྱིར་བཏང་བ།ཁྲིམས་འགལ་གྱི་བྱ་སྤྱོད།ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་བྱུང་ཚུལ་སྦ་གསང་དང་རྫུན་ཞུ་བཅས་བྱེད་པའི་ཐེར་འདོན་བྱེད་འགན་ཡོད་ཚེ།གཤམ་གསལ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པ་སྟེ། གཅིག། རིམ་པ་ཁག་གི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁུར་ཚན་ཁག་གིས་རང་ས་ཁུལ་དེ་གའི་འགན་འཁྲིའི་ཁྱབ་ཁོངས་ནང་གི་ཐེར་འདོན་བྱེད་དོན་བདག་སྤྲོད་འགན་འཁུར་རྒྱུ།དགོས་གལ་བྱུང་ཚེ་གོང་རིམ་ཚན་ཁག་གིས་འགན་འཁྲི་ལྟར་ཁོངས་གཏོགས་ཁུལ་ནང་གི་ཐེར་འདོན་བྱེད་དོན་ལ་ཐད་ཀར་ཞིབ་བཤེར་དང་ཐག་གཅོད་བྱས་ཆོག་ལ།འོག་རིམ་ཚན་ཁག་ལ་ཐེར་འདོན་བྱེད་དོན་རྩིས་སྤྲོད་དང་དམིགས་འཛུགས་ཀྱང་བྱས་ཆོགགོང་རིམ་ཚན་ཁག་གིས་འོག་རིམ་ཚན་ཁག་ལ་སྤྲད་དེ་ཞིབ་བཤེར་ཐག་གཅོད་བྱེད་དུ་བཅུག་ན། རྗེས་འདེད་ལྟ་སྐུལ་སློབ་སྟོན་དང་ལྟ་སྐུལ་སྤྱི་འདོམས་བྱེད་དགོས་པ། འོག་རིམ་ཚན་ཁག་གིས་མཇུག་འབྲས་ལ་འགན་འཁུར་དགོས། གཉིས། ཐེར་འདོན་བྱས་རིགས་བདག་སྤྲོད་བྱེད་མཁན་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁུར་མཁན་ཚན་ཁག་གིས་ཐེར་འདོན་བྱས་དོན་དུས་ཐོག་ཏུ་ཞིབ་བཤེར་དང་ཐག་གཅོད་བྱ་དགོས་པ་མ་ཟད། བདག་སྤྲོད་བྱས་པའི་ཉིན་ནས་བཟུང་གི་ཉིན་དྲུག་ཅུའི་ནང་ཚུན་ཐག་གཅོད་བྱ་དགོས། གནས་ཚུལ་རྙོག་འཛིང་ཆེ་རིགས་ཁག་རང་ལས་རིམ་པ་གཅིག་གིས་མཐོ་བའི་ཚན་ཁག་གི་ཆོག་མཆན་ཐོབ་པ་བརྒྱུད། ཞིབ་བཤེར་ཐག་གཅོད་བྱེད་ཡུན་ཕྱིར་འགྱངས་འོས་འཚམ་བྱས་ཆོག་འོན་ཀྱང་དུས་འགྱངས་བྱེད་ཡུན་ཉིན་སུམ་ཅུ་ལས་བརྒལ་མི་ཆོག་པ་མ་ཟད། ཐེར་འདོན་བྱེད་མཁན་ལ་དུས་འགྱངས་བྱེད་ཡུན་ཕྱིར་འགྱངས་བྱ་རྒྱུའི་རྒྱུ་མཚན་ཡང་གསལ་བཤད་བྱ་དགོས། ཞིབ་བཤེར་བྱེད་ཐབས་ཀྱི་ཚོད་འཛིན་ཐེབས་པས་ཞིབ་བཤེར་བྱེད་ཐབས་བྲལ་ན། དུས་ཐོག་ཏུ་འབྲེལ་ཡོད་ས་གནས་སྲིད་གཞུང་ལ་སྙན་སེང་ཞུ་དགོས་པ་དང་། དེས་སྣེ་ཁྲིད་དེ་ཞིབ་བཤེར་སྒྲིག་འཛུགས་བྱ་དགོས། གསུམ། གལ་ཏེ་ཐེར་འདོན་བྱས་པའི་དོན་དག་ཚན་པ་རང་ཉིད་ཀྱི་བདག་སྤྲོད་བྱེད་ཁོངས་སུ་མེད་ཚེ་ཐེར་འདོན་འབྱོར་བའི་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་འཁུར་མཁན་ཚན་པ་ནས་ཞིབ་བཤེར་བྱས་པའི་འབྲས་བུ་དང་ཐེར་འདོན་ཡིག་རིགས་རྣམས་འཕྲལ་བསྟུན་དོ་དམ་ཚན་པར་བརྒྱུད་སྤྲོད་བྱེད་དགོས། ཆབས་ཅིག་འཕྲལ་བསྟུན་དོ་དམ་ཚན་པས་ཞིབ་བཤེར་སྣེ་ཁྲིད་ཀྱི་ཚན་པ་གཏན་འཁེལ་ཁ་གསལ་བྱས་ཏེ་ཞིབ་བཤེར་གཏན་འབེབས་བྱ་དགོས། བཞི། ཐེར་འདོན་བྱས་པའི་དོན་དག་དེ་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་འགན་འཁུར་ཚན་པ་གཉིས་སམ་ཡང་ན་གཉིས་ཡན་དང་འབྲེལ་བ་ཡོད་ཚེ་ཚན་པ་སོ་སོས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ལྟར་ཞིབ་བཤེར་དང་ཐག་གཅོད་བྱེད་དགོས་པ་མ་ཟད། ཐེར་འདོན་བྱེད་མཁན་ལ་དུས་ཐོག་ཏུ་བརྡ་ལན་བྱེད་དགོས། ལྔ། ཐེར་འདོན་བྱས་པའི་དོན་དག་དེ་སྤྱིར་བཏང་གི་བདེ་འཇགས་མངོན་མེད་རྐྱེན་ངན་དང་འབྲེལ་བ་ཡོད་ཚེ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་འགན་འཁུར་ཚན་པ་ནས་ཐེར་འདོན་གྱི་དོན་དངོས་ཇི་མ་ཇི་བཞིན་དུ་ཐོ་འགོད་བྱེད་དགོས། ཆབས་ཅིག་ཐེར་འདོན་གྱི་བྱ་དགའ་སྤྲོད་པ་དང་དཔང་རྟགས་ཀྱི་དཔྱད་ཡིག་སོགས་ལ་དུས་ཐོག་ཏུ་ཡིག་ཚགས་བཟོ་དགོས་པ་མ་ཟད་དུས་ཚིགས་སོ་སོར་རྫོང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་ལ་བྱ་དགའི་མ་དངུལ་གྱི་རེ་ཞུ་བྱེད་དགོས། དོན་ཚན་བཅུ་པ། རྒྱུན་མཐོང་གི་བདེ་འཇགས་མངོན་མེད་རྐྱེན་ངན་སྤྱིར་བཏང་པ་དང་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་བདག་སྤྲོད་བྱེད་ཁོངས། (གཅིག། )གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྱབ་ཁོངས། *.གཞུང་ལམ་འགྲུལ་སྐྱེལ་ནམ་ཡང་ན་འགྲུལ་པ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་གྱི་མི་གྲངས་ལས་བརྒལ་བ་དང་དངོས་ཟོག་མཉམ་བསྲེས་བྱས་པའི་རིགས། *.སྐྱེལ་འདྲེན་གཉེར་སྐྱོང་མིན་པའི་འཁོར་རིགས་ཀྱིས་ཁྲིམས་དང་འགལ་ནས་འགྲུལ་པ་སྐྱེལ་འདྲེན་བྱས་པ། *.ཆང་འཐུང་རྗེས་རླངས་འཁོར་གྱི་རིགས་གཏོང་བ། *.ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་དང་།རླངས་འཁོར་ལྷུ་སྒྲིག་བྱེད་པའམ་ཡང་ན་བེད་མེད་ཟུར་འཇོག་བྱེད་པའི་ཚད་གཞིར་སླེབས་པའི་རླངས་འཁོར་གྱི་རིགས་ལམ་ལ་ཆས་པའི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱས་པ། *.འགྲིམ་འགྲུལ་གྱི་དོན་རྐྱེན་ལྷག་རྗེས་བྲོས་བྱོལ་དུ་སོང་བའི་རིགས། *.སྦག་སྦག་གཏོང་སྐབས་སྦག་ཞྭ་མ་གྱོན་པ། འཁོར་གསུམ་གློག་སྒུལ་འཕུལ་འཁོར་དང་འདྲུད་འཐེན་འཁོར་ལོའི་ཐོག་ཁྲིམས་འགལ་གྱི་མི་བླུགས་པ། *.གཞུང་ལམ་དུ་འདམ་རྡོའི་ཆུ་རུད་དང་། འཁྱགས་པ་འཐེབས་པ། རི་ཉིལ་བ་སོགས་ཀྱི་རྐྱེན་པས་གཞུང་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཡོད་པའི་རིགས། *.རྫོང་ས་ཁོངས་གི་གློག་སྒྲོན་ཚོད་འཛིན་བྱེད་ལམ་དུ་རླངས་འཁོར་གྱི་རིགས་དང་རྐང་འཁོར་གྱི་རིགས་འགྲིམ་འགྲུལ་བརྡ་གཏོང་གློག་སྒྲོན་ལྟར་ཤར་བགྲོད་མ་བྱས་པར་འགྲིམ་འགྲུལ་གྱི་སྒྲིག་ལམ་ལས་འགལ་པའི་རིགས། *.རྫོང་གྲོང་གི་སྲང་ལམ་དུ་སྒྲིག་འགལ་གྱིས་རླངས་འཁོར་བཞག་ནས་སྤྱི་པའི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་རིགས། **.གཞུང་ལམ་གྱི་འགྲམ་དུ་རྡོ་ལྷུང་བའི་ཉེན་ཁ་ཡོད་པ། སྦུག་ལམ་དང་ཟམ་པ་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པ། (གཉིས། )མེ་ཟོན་བདེ་འཇགས་ཁྱབ་ཁོངས། *.མེ་ཟོན་སྒྲིག་བཀོད་དང་ཡོ་བྱད་ཡང་ན་མེ་གསོད་མེ་འགོག་གི་བདེ་སྲུང་མཚོན་རྟགས་བཀོད་སྒྲིག་དང་བཀོད་སྒྲིག་བྱས་ཚུལ་རྒྱལ་ཁབ་དང་ལས་རིགས་ཀྱི་ཚད་གཞི་དང་མི་མཐུན་པའམ་ཡང་ན་སྐྱོན་ཤོར་ཏེ་ཕན་ནུས་མེད་པའི་རིགས། *.མེ་ཟོན་སྒྲིག་བཀོད་དང་ཡོ་བྱད་གཏོར་སྐྱོན་བཏང་བ་དང་གཞན་སྤྱོད་བྱས་པའམ་ཡང་ན་རང་མཚམས་ཀྱིས་བཤིག་པ་དང་མཚམས་འཇོག་པ། *.གེགས་གཡོལ་འགྲོ་ལམ་དང་བདེ་འཇགས་ཐོན་སྒོ། མེ་ཟོན་རླངས་འཁོར་འགྲོ་ས་རྣམས་ལ་ཅ་དངོས་གཞན་གྱིས་ཟིན་པ་དང་ཁེངས་པ། བཀག་པ། བདེ་འཇགས་ཐོན་སྒོ་དང་གེགས་གཡོལ་ཐེམ་སྐས་ཀྱི་གྲངས་ཚད་ཉུང་དྲགས་པ་དང་ཞེང་ཚད་ཆུང་དྲགས་པ། བབ་བསྟུན་རྒྱང་གྲགས་དང་བབ་བསྟུན་གློག་སྒྲོན། གེགས་གཡོལ་ལམ་སྟོན་མཚོན་རྟགས་སོགས་ལ་སྐྱོན་ཤོར་ཡོད་པ། *.མེ་གསོད་ཆས་ཅ་དངོས་གཞན་གྱིས་བཙིར་བ་དང་བསྐོར་བ། བཀབ་པ། དེ་བཞིན་མེ་ཟོན་ས་སྟོང་གཞན་གྱིས་ཟིན་པ། *.གློག་སྐུད་རྙིང་པ་ཆགས་པ་དང་གློག་སྐུད་དག་སྲུང་སྐྱོབ་འགྱིག་སྦུག་ནང་དུ་བླུགས་མེད་པ། གློག་འགྲོ་ཆེ་བའི་གློག་ཆས་རིགས་གློག་སྐུད་ཀྱི་ཐེག་ཚད་ལས་བརྒལ་བར་བེད་སྤྱོད་པ། གློག་སྐུད་རང་སྣང་གང་ཤར་ངང་གང་བྱུང་དུ་ཁྲིད་པ། གློག་གསོག་སྦག་སྦག་ནས་གློག་སྐུད་རིང་མོར་བསྣར་བ་མ་ཟད་མེ་ཟོན་འགྲོ་ལམ་དང་བདེ་འཇགས་ཐོན་སྒོ་བཀག་པ། *.མི་དམངས་འདུ་ཚོགས་བྱེད་གནས་དང་འཛུགས་སྐྲུན་ལས་གྲྭའི་ཡུལ་དངོས་ཀྱི་གནས་སྐབས་སྡོད་ཁང་། དེ་བཞིན་མི་དམངས་ཁག་ཀྱི་སྡོད་ཁང་རྣམས་རྗས་འགྱུར་ལྦུ་བ་བླུགས་པའི་ཚོན་ལྕགས་བེད་སྤྱོད་བཏང་བ། སྤྱི་པའི་འདུ་འཛོམས་བྱེད་གནས་སུ་མེ་ཟོན་ལག་རྩལ་གྱི་ཚད་གཞི་ལས་འགལ་ནས། འབར་སླ་བ་དང་འབར་རུང་བའི་དངོས་རྫས་རྒྱུ་ཆར་བཏང་ནས་སྒྲིག་གསོ་བྱས་པ། *.མི་དམངས་འདུ་ཚོགས་བྱེད་གནས་ཀྱི་སྒོ་དང་སྒེ་ཁུང་ལ་ཕྱི་ལ་བྲོས་པར་ཤུགས་རྐྱེན་ངན་པ་ཡོད་པ་དང་མེ་གསོད་མྱུར་སྐྱོབ་ལ་གནོད་པ་བཟོ་བའི་བཀག་རྡོའི་རིགས་ཀྱི་སྒྲིག་ཆས་ཡོད་པ། *.མེ་དང་གློག་ཆས་ཚ་ལ། དབུགས་ཀྱི་ཚ་ལ་རྣམས་སྒྲིག་སྲོལ་ལས་འགལ་ནས་བེད་སྤྱོད་བཏང་བ། ལས་གྲྭའི་ཡུལ་དངོས་སུ་མེ་དང་ཚ་ལ། མེ་སྟག་ཡོད་པའི་ལས་ཀ་བྱེད་པ་དང་། མེ་སྐྱོན་དང་འབར་གས་ཀྱི་ཉེན་ཁ་ཡོད་པའི་ལས་ཀ་མཉམ་བསྲེས་ཀྱིས་བྱེད་པ། *.འབར་སླ་བ་དང་། འབར་གས་བྱེད་སླ་བའི་ཉེན་ཁའི་རིགས་ཀྱི་ཅ་དངོས་ཐོན་སྐྱེད་བྱེད་ས་དང་ཉར་ཚགས་བྱེད་གནས། ལས་གཉེར་བྱེད་ཁུལ་དང་མི་གནས་སྡོད་བྱེད་སའི་ཁང་པ་གཉིས་འཛུགས་སྐྲུན་ཐོག་ཁང་གཅིག་གི་ནང་དུ་གནས་པའམ།ཡང་ན་མི་གནས་སྡོད་དང་བདེ་འཇགས་ངེས་པའི་བར་ཐག་བཞག་མེད་པ། **.ཅ་དངོས་གཞན་དག་གི་ཐོན་སྐྱེད་བྱེད་ས་དང་ཉར་ཚགས་བྱེད་གནས། ལས་གཉེར་བྱེད་ཁུལ་དང་མི་གནས་སྡོད་བྱེད་སའི་ཁང་པ་གཉིས་འཛུགས་སྐྲུན་ཐོག་ཁང་གཅིག་གི་ནང་དུ་གནས་པའི། རྒྱལ་ཁབ་ལས་གྲྭའི་འཛུགས་སྐྲུན་མེ་ཟོན་ལག་རྩལ་གྱི་ཚད་གཞི་དང་མཐུན་མེད་པའི་རིགས། **.ཁྲོམ་རའི་ནང་དུ་བཏོན་ཆོག་པའི་ཚད་གཞི་མི་ལོན་པ་དང་། རྒྱལ་ཁབ་ནས་དོར་ཟིན་པའི་གསལ་བསྒྲགས་གནང་བའི་མེ་ཟོན་ཐོན་རྫས་བེད་སྤྱོད་བཏང་བ། **.ཞིང་འབྲོག་མང་ཚོགས་ཀྱི་སྒོ་རའི་ནང་དུ་ལྟ་རྟོག་བྱེད་མཁན་མེད་པར་རྩྭ་སྙིགས་བསྲེགས་ཏེ། མེ་སྐྱོན་ཤོར་བའི་ཉེན་ཁ་ཡོད་པའི་རིགས། **.ཞིང་འབྲོག་ཁུལ་དུ། མང་ཚོགས་སྡོད་ཁང་དང་རྩྭ་ར། མེ་ཤིང་གསུམ་སྒོ་ར་གཅིག་ནང་ཡོད་པས་མེ་སྐྱོན་ཤོར་བའི་ཉེན་ཁ་ཡོད་པ། **.མེ་ཟོན་བདེ་འཇགས་ཁྲིམས་འགལ་བྱ་སྤྱོད་གཞན་དག། (གསུམ།)སོལ་རླངས་ཀྱི་བདེ་འཇགས་ཁྱབ་ཁོངས། *.བཟའ་བཏུང་ཚོང་ཁང་གིས་སོལ་རླངས་ཀྱི་ཉེན་བརྡ་གཏོང་བའི་སྒྲིག་ཆས་སྒྲིག་སྦྱོར་བྱས་མེད་པ་ཤེས་རྟོགས་བྱུང་བ། *.བཟའ་བཏུང་ཚོང་ཁང་གིས་སོལ་རླངས་འགོག་པའི་སྒྲིག་ཆས་སྒྲིག་སྦྱོར་བྱས་མེད་པ་ཤེས་རྟོགས་བྱུང་བ། *.བཟའ་བཏུང་ཚོང་ཁང་གི་མཉེན་སྦུག་རྙིང་པར་གྱུར་ནས་སྐྱོན་ཤོར་བ་ཤེས་རྟོགས་བྱུང་བ། *.བཟའ་བཏུང་ཚོང་ཁང་གི་མཉེན་སྦུག་གྱང་ངོས་སྨིད་གཉིས་ལས་བརྒལ་བ་(གསོག་ཉར་ཁང་ནས་བཀོལ་སྤྱོད་ཁང་བར་)ཤེས་རྟོགས་བྱུང་བ། *.བཟའ་བཏུང་ཚོང་ཁང་གི་ལྕགས་ཀྲིན་གྱི་བསྡོམས་འབོར་སྤྱི་རྒྱ***ལས་བརྒལ་ཡང་སོལ་རླངས་གསོག་ཉར་ཁང་བཙུགས་མེད་པ་ཤེས་རྟོགས་བྱུང་བ། *.སོལ་རླངས་ཁ་སྣོན་ས་ཚིགས་ཀྱིས་གཏན་འབེབས་ལྟར་སོལ་རླངས་མ་བཏང་བར་མི་དང་རླངས་འཁོར་སོལ་རླངས་ཁ་སྣོན་ས་ཚིགས་སུ་འཛུལ་བ། (བཞི།)ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས(ཤོག་སྦག་ཚོན་ཁྲ་ཅན་)ཀྱི་བདེ་འཇགས་ཁྱབ་ཁོངས། *.ཤོག་སྦག་ཚོན་ཁྲ་ཅན་གསོག་ཉར་བྱེད་སའི་མཛོད་ཁང་ཕྱི་རོལ་གྱི་བདེ་འཇགས་བར་ཐག་དང་བཀོད་སྒྲིགཨར་ལས་ཀྱི་སྒྲིག་གཞི་སོགས་ཀྱི་བདེ་འཇགས་སྒྲིག་བཀོད་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་ཚད་ལ་སླེབས་མེད་པ། *.ཤོག་སྦག་སིལ་ཚོང་(ས་ཚིགས་)གིས་ཤོག་སྦག་བཀག་སྡོམ་ས་ཁོངས་སུ་བཙུགས་པ། *.ཤོག་སྦག་སིལ་ཚོང་(ས་ཚིགས་)གི་ལས་ཞུགས་མི་སྣར་བདེ་འཇགས་ཤེས་བྱའི་སློབ་གསོ་ཐོབ་མེད་པ། *.ཤོག་སྦག་ཚོན་ཁྲ་ཅན་ཁྱེར་ནས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་བསྡད་པའམ་ཡང་ན་ཤོག་སྦག་ཚོན་ཁྲ་ཅན་སྦྲག་ཐོག་ནས་བསྐུར་བ་དང་མངགས་འདྲེན་བྱས་པ། *.ཁྲིམས་འགལ་ངང་དྲ་རྒྱའི་ལས་སྟེགས་དང་སྐད་འཕྲིན་གྲོགས་ཚོགས་སོགས་སུ་ཤོག་སྦག་ཚོན་ཁྲ་ཅན་བཙོངས་པ། *.སྣུམ་སྣོན་ས་ཚིགས་སུ་བདེ་འཇགས་ཐོན་སྐྱེད་དོ་དམ་ལམ་ལུགས་དང་བཀོལ་སྤྱོད་ལུགས་སྲོལ་སོགས་འབྲེལ་ཡོད་རྒྱུ་ཆ་འཐུས་ཚང་དུ་བཏང་མེད་པའམ་ཡང་ན་ལམ་ལུགས་དང་བཀོལ་སྤྱོད་ལུགས་སྲོལ་གྱི་ནང་དོན་ཆ་ཚང་མིན་པ། *.སྣུམ་སྣོན་ས་ཚིགས་སུ་འགན་ཁུར་པ་གཙོ་བོ་དང་བདེ་འཇགས་དོ་དམ་མི་སྣའི་བདེ་འཇགས་གསོ་སྦྱོང་གི་ཚད་ལོན་ལག་ཁྱེར་བླངས་མེད་པ། *.སྣུམ་སྣོན་ས་ཚིགས་ཀྱི་འགན་ཁུར་པ་གཙོ་བོ་དང་བདེ་འཇགས་དོ་དམ་མི་སྣ་ཡུན་རིང་ལས་གནས་སུ་མི་ཞུགས་པ། *.སྣུམ་སྣོན་ས་ཚིགས་སུ་གཏན་འབེབས་ངང་ཕྲལ་སྡོམ་ནང་སྦྱོང་སྤེལ་མེད་པ། **.ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་དབོར་འདྲེན་རླངས་འཁོར་སྒྲིག་འགལ་ངང་བཞག་ནས་སྤྱི་པའི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པ། (ལྔ།)བཟོ་ཚོང་ལས་རིགས་ཀྱི་བདེ་འཇགས་ཁྱབ་ཁོངས། *.ཐལ་རྡུལ་འབར་གས་དང་འབྲེལ་བ་ཡོད་པའི་ཁེ་ལས་ལ་འབར་ངེས་པའི་ཐལ་རྡུལ་དང་།འབར་ཐུབ་པའི་ཐལ་རྡུལ།འབར་ཐུབ་པའི་རླངས་གཟུགས་སོགས་འབར་གས་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་བའི་མཚམས་སྦྱོར་དངོས་པོ་ཐུན་མོང་དུ་ཐལ་རྡུལ་སེལ་བའི་མ་ལག་མཉམ་དུ་སྤྱོད་པ་དང་།མེ་འགོག་ཁུལ་མི་འདྲ་བའི་རྡུལ་སེལ་མ་ལག་ཕན་ཚུན་འབྲེལ་མཐུད་བྱེད་པ་སོགས་ཀྱི་གནད་དོན་མི་མངོན་པའི་རྐྱེན་ངན་ཡོད་པའི་རིགས། *.ཚད་ཡོད་བར་སྟོང་དུ་ལས་ཀ་བྱེད་པའི་བཟོ་ཚོང་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ལམ་ལུགས་དང་སྒྲིག་སྲོལ་འཐུས་ཚང་བྱུང་མེད་པ།ཚད་ཡོད་བར་སྟོང་གི་ལས་སྒྲུབ་བྱེད་པའི་ལས་ཡུལ་དངོས་ཀྱི་འགན་འཁུར་པ་དང་ལྟ་སྐྱོང་བྱེད་མཁན། ལས་སྒྲུབ་བྱེད་མཁན། འཕྲལ་མཁོའི་རོགས་སྐྱོབ་མི་སྣ་བཅས་ལ་ཆེད་དམིགས་ནས་བདེ་འཇགས་གསོ་སྐྱོང་སྦྱོང་བརྡར་མ་བྱས་པ། “སྔོན་ལ་རླུང་རྒྱུག་པ་དང་དེ་ནས་ཞིབ་དཔྱད་ཚད་ལེན་བྱེད་པ། དེ་ནས་ལས་སྒྲུབ་བྱེད་པ”བཅས་ཀྱི་རྩ་དོན་ལ་སོགས་པའི་བླང་བྱ་ནན་པོར་བརྩི་སྲུང་མ་ཞུས་པ། *.ཨན་དང་འབྲེལ་བ་ཡོད་པའི་གྲང་བཟོའི་ཁེ་ལས་ཀྱིས་བདེ་འཇགས་དབྱེ་འབྱེད་དང་ཉེན་ཁ་ཚབས་ཆེའི་འབྱུང་ཁུངས་རིམ་དབྱེ་དོ་དམ་ཚོད་འཛིན་མ་སྤེལ་བ།གྲང་བཟོའི་ཁང་པ་དང་ཨན་སྣོན་ས་ཚིགས།ཨན་གསོག་ཉར་གྱི་ཡོ་བྱད་སོགས་ས་ཁོངས་གཏན་འབེབས་དང་མི་མཐུན་པས་རླུང་རྒྱུ་རུ་འཇུག་པ་དང་འབར་གས་འགོག་ཐབས་དོན་ཐོག་ཏུ་འཁྱོལ་མེད་པ། *.ཁེ་ལས་ཀྱི་རླུང་རྒྱུག་པ་དང་འབར་གས་སྔོན་འགོག་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་མ་ཐུབ་པར་རང་དགར་ཨར་ལས་སྒྲུབ་པའི་སྒྲིག་འཛུགས་བྱས་རིགས། *.མེར་འབྲེལ་ལས་ཀ་སོགས་ཉེན་ཁ་ཆེ་བའི་ལས་ཀར་ཞིབ་བཤེར་ཆོག་མཆན་ནན་ཏན་གྱིས་ལག་བསྟར་མ་བྱས་པའི་རིགས། *.བོགས་མར་གཏོང་མཁན་ཚན་པ་དང་ཁག་བགོས་འགན་གཙང་བྱེད་མཁན་ཚན་པས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཁ་གསལ་བཟོས་མེད་པའི་རིགས། *.སྒྲིག་བཀོད་སྒྲིག་ཆས་དུས་བཅད་ལྟར་ཉམས་གསོ་དང་སྲུང་སྐྱོང་མ་བྱས་པ། (དྲུག། )རྡོ་སོལ་མིན་པའི་གཏེར་ཁའི་བདེ་འཇགས་ཁྱབ་ཁོངས། 《བོད་རང་སྐྱོང་ལྗོངས་ཀྱི་རྡོ་སོལ་མིན་པའི་གཏེར་ཁའི་བདེ་འཇགས་ཐོན་སྐྱེད་ཀྱི“ཞིབ་བཤེར་བརྒྱད”ཀྱི་ཞིབ་ཕྲའི་བྱ་ཐབས》གཞིར་བཟུང་། *.གཏེར་རིའི་ཁེ་ལས་ཀྱི་འགན་འཁུར་པ་གཙོ་བོ(ཚོད་འཛིན་བྱེད་མི་དངོས་ཚུད)ཡུན་རིང་ལས་གནས་སུ་མ་ཞུགས་པ་དང་བདེ་འཇགས་ཐོན་སྐྱེད་དོ་དམ་འགན་འཁྲི་མ་འཁྱེར་པའི་རིགས། *.གཏེར་རིའི་ཁེ་ལས་ཀྱི་འགན་འཁུར་པ་གཙོ་བོ(ཚོད་འཛིན་བྱེད་མི་དངོས་ཚུད)དང་བདེ་སྲུང་དོ་དམ་མི་སྣའི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཤེས་བྱ་དང་དོ་དམ་བྱེད་ནུས་ལ་དཔྱད་ཞིབ་ཚད་ལོན་ལག་ཁྱེར་དུས་བཀག་ལས་བརྒལ་བའམ་མུ་མཐུད་སློབ་གསོར་ཞུགས་མེད་པའི་རིགས། *.རེ་འདུན་ལྟར་ས་གཤིས་དང་གཏེར་འདོན།རླུང་འགྲོ་སོགས་ཀྱི་ལག་རྩལ་མི་སྣ་བཀོད་སྒྲིག་མ་བྱས་པ།ཐོ་འགོད་ཀྱི་བདེ་སྲུང་བཟོ་སྐྲུན་པ་བཀོད་སྒྲིག་བྱས་མེད་པ། *.དམིགས་བསལ་ལས་སྒྲུབ་མི་སྣས་ལག་ཁྱེར་མེར་པར་ལས་གནས་སུ་ཞུགས་པ། *.ངལ་རྩོལ་འགོག་སྲུང་ཡོ་བྱད་གཏན་འབེབས་ལྟར་གྱོན་མེད་པའི་རིགས།(གཏེར་རིའི་ལས་གོས་དང་། བདེ་འཇགས་ཞྭ་མོ། གློག་འགོག་ཚེར་མ་ཅན་གྱི་གཏེར་འདོན་བཟོ་པའི་ལྷམ་སོགས)གཏེར་རིར་ལས་སྒྲུབ་བྱེད་པ། *.གཏེར་འདོན་ཇུས་འགོད་འཆར་གཞི་ལྟར་སྔོག་འདོན་མ་བྱས་པའི་རིགས། *.ཆར་ཆུ་འབབ་པའི་དུས་སུ་གཏེར་སྙིགས་བང་མཛོད་དུ་ཉིན་གང་བོའི་ལས་རེས་དང་ལས་རེས་བཀོད་སྒྲིག་བྱས་མེད་པ། སྐོར་ཞིབ་བྱས་ཚུལ་དང་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་ཟིན་ཐོར་བཀོད་མེད་པའི་རིགས། *.དོ་དམ་པས་སྒྲིག་སྲོལ་དང་འགལ་ཏེ་བཀོད་འདོམས་བྱས་པ་དང་བཙན་བཀའ་ཕབ་ནས་ཉེན་ཁ་ཆེ་བའི་ལས་ཀ་བྱེད་དུ་བཅུག་པའི་རིགས། *.སྔོག་འདོན་བཟོ་གྲྭར་བཀག་འགོག་དང་དྲན་སྐུལ། བཀའ་རྒྱ། སྣེ་སྟོན་སོགས་བདེ་འཇགས་མཚོན་རྟགས་བཀོད་མེད་པའི་རིགས། **.བླང་བྱ་ལྟར་བབ་བསྟུན་རོགས་སྐྱོབ་སྒྲིག་ཆས་དང་དངོས་རྫས་སྒྲིག་སྦྱོར་མ་བྱས་པའམ་ཡང་ན་སྒྲིག་ཆས་དང་དངོས་རྫས་ལ་ཆག་སྐྱོན་བྱུང་བའི་རིགས། (བདུན། )རྣམ་གྲངས་ཨར་སྐྲུན་གྱི་བདེ་འཇགས་ཁྱབ་ཁོངས། *.རྣམ་གྲངས་ཅིང་ལི་དང་ལག་རྩལ་གྱི་འགན་འཁུར་བ། ཆེད་གཉེར་གྱི་བདེ་འཇགས་པ། ཨར་ལས་བྱེད་མཁན། ལྟ་ཞིབ་བྱེད་མཁན། རྣམ་གྲངས་པུའུ་བཅས་ཀྱི་འགན་ནུས་ཚན་ཁག་སོ་སོའི་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་འཐུས་ཚང་མིན་པ། ཚན་ཁག་སོ་སོའི་དོ་དམ་མི་སྣའི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་འགན་འཁྲིའི་ལམ་ལུགས་རྣམ་པ་ཙམ་ཡིན་པའི་རིགས། *.རྣམ་གྲངས་ཀྱི་ཅིང་ལི་དང་ལག་རྩལ་གྱི་འགན་འཁུར་བ།ཆེད་གཉེར་གྱི་བདེ་འཇགས་མི་སྣ་བཅས་ཡུན་རིང་ལས་གནས་སུ་མི་ཞུགས་པ་མ་ཟད་བདེ་འཇགས་ཐོན་སྐྱེད་དོ་དམ་གྱི་འགན་འཁྲི་མི་འཁུར་བའི་རིགས། *.རྣམ་གྲངས་པུའུ་ཡིས་ལས་རིགས་ཁག་གི་བཟོ་པ་སྒྲིག་འཛུགས་བྱས་ཏེ་བདེ་འཇགས་བཀོལ་སྤྱོད་ལུགས་སྲོལ་སློབ་སྦྱོང་བྱས་མེད་པ། *.བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་འཐུས་ཚང་མིན་པ་དང་དོན་ཐོག་ཏུ་འཁྱོལ་མེད་པ། ལས་རིགས་ཁག་གི་བཟོ་པས་སོ་སོའི་བདེ་འཇགས་བཀོལ་སྤྱོད་ལུགས་སྲོལ་མི་ཤེས་པ། *.ཆེད་ལས་རང་བཞིན་དང་ཉེན་ཁའི་རང་བཞིན་ཅུང་ཆེ་བ་ཁག་ཅིག་ལ་ཆེད་དམིགས་ནས་ཨར་ལས་སྒྲིག་འཛུགས་དང་ཇུས་འགོད་བྱས་མེད་པའི་རིགས། *.བདེ་འཇགས་ཞིབ་བཤེར་གྱི་ཟིན་ཐོར་བཀོད་མེད་པ་དང་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་དག་ཐེར་ཡོ་བསྲང་བྱས་མེད་པ། *.དམིགས་བསལ་ལས་སྒྲུབ་མི་སྣས་ལག་ཁྱེར་མེར་པར་ལས་གནས་སུ་ཞུགས་པའམ་ཡང་ན་ལག་ཁྱེར་དུས་ཚོད་ཡོལ་ཏེ་ལས་གནས་སུ་ཞུགས་པའི་རིགས། *.ཨར་ལས་བྱ་ཡུལ་དུ་བདེ་འཇགས་ཉེན་བརྡའི་མཚོན་རྟགས་མེད་པའམ་ཡང་ན་བདེ་འཇགས་ཉེན་བརྡའི་མཚོན་རྟགས་བཀོད་སྒྲིག་བྱས་པ་དེ་ཚད་གཞིའི་བླང་བྱ་དང་མི་མཐུན་པའི་རིགས། *.ལས་བཟོ་པས་བདེ་འཇགས་གསོ་སྦྱོང་གི་སློབ་གསོ་མ་བརྒྱབ་པར་ལས་གནས་སུ་ལས་ཀ་བཀོད་སྒྲིག་བྱས་རིགས། (བརྒྱད)ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བདེ་འཇགས་ཁྱབ་ཁོངས། *.ཆོག་མཆན་མ་ཐོབ་པར་གད་སྙིགས་བསྲེགས་པ་མ་ཟད་ལྟ་རྟོག་བྱེད་མཁན་ཡང་མེད་པ། *.ཆོག་མཆན་མ་ཐོབ་པར་རྩྭ་ས་དང་ནགས་སར་འབར་གས་དང་རྩད་ཞིབ། གཏེར་ཁ་སྔོག་འདོན་བྱེད་པ།དེ་བཞིན་སྒྲིག་ཆས་དང་གློག་སྐྱེལ་གློག་སྡེབ་ཀྱི་ལམ་མྱུར་བཟོ་བྱེད་སྐབས་གློག་འོད་འབར་བའི་རིགས། *.ལོ་ན་མ་སོན་པའི་མི་སྣ་དང་ཤེས་སྒྲིབ་དང་སྨྱོ་ནད་ཅན་གྱི་མི་ཡིས་གཏན་འབེབས་དང་འགལ་ནས་འབར་གས་ཀྱི་དངོས་པོ་འཁྱེར་ནས་གཙོ་གནད་སྤྱི་ཕན་ནགས་ཚལ་དང་རྩྭ་ཐང་། མིས་བཟོས་རྩྭ་ར་བཅས་སུ་འཛུལ་བ། (དགུ)སློབ་གྲྭའི་བདེ་འཇགས་ཁྱབ་ཁོངས། *.སློབ་གྲྭའི་ནང་འཛུགས་སྐྲུན་བྱེད་བཞིན་པའི་བཟོ་སྐྲུན་ལ་འགོག་ར་དང་འགོག་སྲུང་སྒྲིག་བཀོད་ཡང་ན་ཉེན་བརྡའི་མཚོན་རྟགས་བཙུགས་མེད་པ། *.སློབ་གྲྭའི་ནང་གི་འཛུགས་སྐྲུན་ལ་སྤུས་ཚད་ཀྱི་གནད་དོན་ཚབས་ཆེན་ཡོད་པ་དང་།ཉེན་ཡོད་ཁང་པ་དང་ཉེན་ཡོད་ཐོག་ཁང་སློབ་ཁྲིད་ཀྱི་སློབ་ཁང་དུ་བེད་སྤྱོད་བྱེད་རིགས། *.སློབ་གྲྭའི་སློབ་ཁང་གི་ཁང་སྟེང་དུ་སྤུངས་བསག་བྱས་ཡོད་པའི་དངོས་པོ་དང་།ལྷུང་ཉེན་ཡོད་པའི་དངོས་པོ།ཐོག་ཁང་གས་པ། བརྡིབས་པ།ཆུ་འཛག་པ་སོགས་ཀྱི་སྣང་ཚུལ་ཡོད་རིགས། *.སློབ་གྲྭར་གློ་བུར་དུ་བྱུང་བའི་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་འཇལ་བར་མཁོ་བའི་བབ་བསྟུན་དངོས་ཟོག་དང་སྒྲིག་ཆས་མི་འདང་བའི་རིགས། *.སློབ་གྲྭས་དུས་བཀག་ལྟར་ས་ཡོམ་དང་མེ་ཟོན་སོགས་གནོད་འཚེའི་འཕྲལ་སྡོམ་སྦྱོང་བརྡར་མ་བྱས་པ། *.སློབ་མའི་ཟ་ཁང་གི་འབར་ཆས་སུ་མེ་གསོད་སྲུང་སྐྱོང་སྒྲིག་ཆས་དང་།ཉེན་བརྡ་གཏོང་ཆས།འཕྲལ་མྱུར་གཏུབ་ཆས་སོགས་བདེ་འཇགས་སྲུང་སྐྱོང་སྒྲིག་ཆས་བཀོད་སྒྲིག་བྱས་མེད་པ། *.སློབ་གྲྭས་སོལ་རླངས་འབྱུང་ཁུངས་ཀྱི་བླང་བྱ་དང་མི་མཐུན་པའི་སོལ་རླངས་འབར་བྱེད་ཡོ་བྱད་སྒྲིག་སྦྱོར་དང་བེད་སྤྱོད་བྱས་པ། *.སློབ་གྲྭའི་མཐའ་སྐོར་གྱི་བགྲོད་ལམ་དུ་སྐྱོད་སྐབས།མྱུར་ཚད་ཚོད་འཛིན་རྟགས་བཀོད་མེད་པ་དང་།མྱུར་ཚད་ཚོད་འཛིན་རྟགས་མཚན་ཡང་ན་ས་ཁོངས་ཀྱི་མྱུར་ཚད་ཚོད་འཛིན་དང་ཕྱིར་འཐེན་བྱེད་པའི་མཚོན་རྟགས་བཀོད་མེད་པ། *.སློབ་གྲྭའི་ཉེན་ཆེའི་རྫས་འགྱུར་དངོས་རྫས་གསོག་ཉར་ཁང་དེ་འབྲེལ་ཡོད་ཀྱི་བདེ་འཇགས་དང་མེ་འགོག་སྐོར་གྱི་གཏན་འབེབས་དང་མཐུན་མེད་པ་དང་།བབ་བསྟུན་གྱི་མེ་འགོག་དང་།བཞའ་ཚན་འགོག་པ།ཞི་གློག་འགོག་པ།རུལ་འགོགཆུ་འཛིར་བར་སྔོན་འགོག་སོགས་ཀྱི་ཉེན་འགོག་སྒྲིག་བཀོད་བཀོད་སྒྲིག་བྱས་མེད་པ། (བཅུ།)རང་བྱུང་གནོད་འཚེའི་ཁྱབ་ཁོངས། *.གཙང་པོའི་འབབ་རྒྱུད་ཉེན་ཟོན་ཆུ་ཁ་ལས་བརྒལ་བ། *.ཆུ་རྫིང་གི་ཆུ་གསོག་དུས་ཉེན་ཟོན་ཆུ་ཁ་ལས་བརྒལ་བ། *.གཏན་འབེབས་ལས་འགལ་ཏེ་ཆུ་ལམ་དུ་བྱེ་མ་སྔོག་འདོན་བྱེད་པའི་བྱ་སྤྱོད།དཔེར་ན།གང་བྱུང་དུ་སྔོག་འཐུ་བྱེད་པ་དང་ལག་ཁྱེར་མེད་པར་སྔོག་འདོན་བྱས་པ། *.ཆུ་བོའི་རྒྱུག་ཕྱོགས་རྒྱུན་ལྡན་མིན་པས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁུལ་ལ་གནོད་པ། *.ཆུ་ལམ་དང་ཆུ་རགས་བརྡིབས་པ་དང་ཆུས་འཁྱེར་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁུལ་ལ་གནོད་པ། *.ཆར་པ་འབབ་པ་དང་།ས་ཡོམ་སོགས་རང་བྱུང་གནོད་འཚེའམ་ཡང་ན་ཁང་པ་རྙིང་པ་སོགས་ཀྱི་རྐྱེན་པས་ཁང་པར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཟོས་པ། *.མང་ཚོགས་ཀྱི་འཚོ་བའི་ཁུལ་གྱི་བདེ་འཇགས་ཁྱབ་ཁོངས་སུ་ཤྭ་འོད་དང་།གས་རྡིབ་ཤོར་བ།རི་ཉིལ་བ།འདམ་རྡོའི་ཆུ་རུད་སོགས་ས་གཤིས་གནོད་འཚེའི་བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་ཡོད་པ། *.རྫོང་གྲོང་གི་ཆུ་འདྲེན་ལྕགས་མདོང་བཀག་པས་ཆུ་སྐྱོན་འབྱུང་ཉེན་ཡོད་པ། *.རང་བྱུང་གནོད་འཚེའི་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་མེད་པ། (བཅུ་གཅིག)བདེ་འཇགས་ཀྱི་ཁྱབ་ཁོངས་གཞན་དག དོན་ཚན་བཅུ་གཅིག་པ།ཐེར་འདོན་གོང་ཞུ་བྱས་པའི་དོན་དག་ལ་གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན།དང་ལེན་མི་བྱེད་པ་སྟེ། (གཅིག)བདེ་འཇགས་ཐོན་སྐྱེད་ཀྱི་ཁྱབ་ཁོངས་སུ་མི་གཏོགས་པ། (གཉིས།)ཐེར་འདོན་བྱ་ཡུལ་ལམ་ཡང་ན་ཐེར་འདོན་བྱེད་དོན་ཞིབ་ཕྲ་ཁ་གསལ་མེད་པ། (གསུམ།)ཐེར་འདོན་དོན་གནད་བདག་སྤྲོད་བྱས་པ་མ་ཟད་ཞིབ་བཤེར་ཐག་གཅོད་ཀྱང་བྱེད་བཞིན་ཡོད་པ་དང་།ཐེར་འདོན་བྱེད་མཁན་ཁེར་རྐྱང་གིས་བསྐྱར་དུ་ཐེར་འདོན་བྱས་པ། (བཞི།)ཐེར་འདོན་གྱི་གནད་དོན་འབྲེལ་ཡོད་ཚན་པས་གནད་དོན་ཤེས་རྟོག་བྱུང་ནས་དུས་བཀག་ནང་ཡོ་བསྲང་བྱེད་དུ་བཅུག་རྗེས་བརྟག་དཔྱད་དང་ཐག་གཅོད་བྱེད་བཞིན་པའམ་ཡང་ན་གསར་འགྱུར་སྨྱན་སྦྱོར་གྱིས་དམར་འདོན་བྱས་ཟིན་པ། (ལྔ།)སྲིད་འཛིན་བསྐྱར་གྲོས་དང་།ཞུ་སྦྱོར།འདུམ་གཅོད་སོགས་ཀྱི་ཐབས་ལམ་བརྒྱུད་དེ་ཐག་གཅོད་བྱ་དགོས་པའམ་ཡང་ན་ཁྲིམས་འཛིན་གྱི་གོ་རིམ་དུ་ཞུགས་པ། (དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བདག་སྤྲོད་བྱེད་ཁོངས་དང་མི་མཐུན་པའི་ཐེར་འདོན་གཞན་དག་སོགས། དོན་ཚན་བཅུ་གཉིས་པ།ཐེར་འདོན་བདག་སྤྲོད་དང་།ཞིབ་བསྡུར།བྱ་དགའ་སྤྲོད་པ་སོགས་ཀྱི་འགན་འཁུར་ལས་དོན་མི་སྣས་གསང་སྲུང་ལམ་ལུགས་བརྩི་སྲུང་ནན་པོ་བྱ་དགོས་པ་ལས།ཐེར་འདོན་བྱེད་མཁན་མི་སྒེར་གྱི་ཆ་འཕྲིན་དང་ཐེར་འདོན་གྱི་ནང་དོན་སོགས་ཀྱི་འབྲེལ་ཡོད་དཔྱད་ཡིག་ཕྱིར་བསྒྲགས་བྱས་མི་ཆོག ལེའུ་གསུམ་པ།ཐེར་འདོན་བྱ་དགའ། དོན་ཚན་བཅུ་གསུམ་པ།ཐེར་འདོན་དང་བྱ་དགའ་སྤྲོད་སྐབས“ཁྲིམས་དང་མཐུན་པར་ཐེར་འདོན་བྱེད་པ་དང་།བྱ་དགའ་འོས་འཚམ་སྤྲོད་པ།མངའ་ཁོངས་དོ་དམ་བྱེད་པ།རིམ་པ་དབྱེ་ནས་འགན་འཁུར་བ”དང་“སུས་འགན་ཁུར་བྱས་ན་དེས་ཞིབ་གཅོད་བྱེད་པ།སུས་བྱ་དགའ་སྤྲོད་པ”བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས། དོན་ཚན་བཅུ་བཞི་པ།ཐེར་འདོན་བྱ་དགའ་སྤྲོད་པའི་དོན་དག་ལ་དུས་མཚུངས་སུ་གཤམ་གསལ་གྱི་ཆ་རྐྱེན་དང་མཐུན་དགོས་པ་སྟེ། (གཅིག)ཐེར་འདོན་བྱ་ཡུལ་དང་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་འབྱུང་གཞི་ཚབས་ཆེན་དང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་རིགས་ཁ་གསལ་ཡོད་པ། (གཉིས།)བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་འཁུར་མཁན་ཚན་པས་ཐེར་འདོན་གྱི་གནད་དོན་ཤེས་རྟོགས་མ་བྱུང་བའམ་ཡང་ན་ཁྲིམས་ལྟར་ཐག་གཅོད་མ་བྱས་པ། (གསུམ།)ཐེར་འདོན་གྱི་གནད་དོན་ལ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་བྱེད་འགན་ཚན་པས་ཞིབ་བཤེར་བྱས་ནས་དོན་དངོས་དང་མཐུན་པ་ཡིན་པ་བཅས་ཡིན། དོན་ཚན་བཅོ་ལྔ་པ།གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་བྱེད་ཐབས་འདིའི་བྱ་དགའ་སྤྲོད་ཁོངས་སུ་མི་གཏོགས་པ་སྟེ། (གཅིག)བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་བྱེད་མཁན་གྱི་ལས་དོན་མི་སྣ་དང་དེའི་གཉེན་ཚན་ཉེ་གྲས་སམ་ཡང་ན་དེས་མི་གཞན་ལ་བཀོད་པ་བཏང་ནས་ཐེར་འདོན་བྱེད་དུ་བཅུག་པ། (གཉིས།)བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེ་རིགས་དང་།ཁྲིམས་འགལ་གྱི་བྱ་སྤྱོད།ཐོན་སྐྱེད་བདེ་འཇགས་ཐད་ཀྱི་གནད་དོན་གསང་ནས་མི་ཞུ་བའི་བྱ་སྤྱོད་བཅས་གྱོད་དོན་ཐོ་འགོད་ཀྱིས་ཞིབ་གཅོད་བྱས་ཟིན་པ། (གསུམ།)རང་མིང་མ་བཀོད་པར་ཐེར་འདོན་བྱས་པའམ་ཡང་ན་གོ་ཆོད་འབྲེལ་གཏུག་བྱེད་ཐབས་མཁོ་འདོན་མ་བྱས་པ། (བཞི།)བཅའ་ཁྲིམས་དང་ཁྲིམས་སྲོལ་དང་མི་མཐུན་པའི་བྱ་དགའ་སྤྲོད་པའི་གནས་ཚུལ་གཞན་དག་བཅས་ཡིན། དོན་ཚན་བཅུ་དྲུག་པ།ཐེར་འདོན་བྱས་པའི་དོན་དག་ཞིབ་བཤེར་བྱས་ནས་ངོ་མ་ཡིན་ན་གཤམ་གསལ་གྱི་གཏན་འབེབས་ལྟར་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་དགོས་པ་སྟེ། (གཅིག)བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ལས་འཛོལ་འབྱུང་གཞི་ཚབས་ཆེན་ཡོད་པ་དང་།ཁྲིམས་འགལ་གྱིས་ཐོན་སྐྱེད་དང་གཉེར་སྐྱོང་བྱས་ཚུལ་ཐེར་འདོན་བྱས་རིགས་ལ་བྱ་དགའི་དངུལ་གྲངས་སྲིད་འཛིན་ཐོག་གི་ཆད་པ་བཅད་འབོར་གྱི**%ལྟར་རྩིས་རྒྱག་རྒྱུ་དང་།བྱ་དགའ་དམའ་ཤོས་སྒོར****སྤྲོད་རྒྱུ།བྱ་དགའ་མཐོ་ཤོས་སྒོར་ཁྲི**ལས་མི་བརྒལ་བ།ཐོན་སྐྱེད་གཉེར་སྐྱོང་ཚན་པའི་ལས་སྒྲུབ་མི་སྣས་དེ་གནས་སའི་ཚན་པའི་ལས་འཛོལ་འབྱུང་གཞི་ཚབས་ཆེན་དང་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱས་རིགས་ལ།བྱ་དགའི་དངུལ་མ་བླངས་གོང་ལ་ངལ་རྩོལ་གན་རྒྱ་བཞག་པ་སོགས་ཀྱི་ཐོག་ནས་དེའི་ཐོན་སྐྱེད་གཉེར་སྐྱོང་ཚན་པའི་ལས་གཉེར་མི་སྣའི་ཐོབ་ཐང་ར་སྤྲོད་བྱེད་ཐུབ་པའི་དཔྱད་ཡིག་འདོན་སྤྲོད་བྱ་དགོས།ཐོན་སྐྱེད་གཉེར་སྐྱོང་ཚན་པའི་ལས་གཉེར་མི་སྣའི་གཉེན་ཉེ་སྤུན་མཆེད་ཀྱིས་མི་མངོན་པའི་རྐྱེན་ངན་ཚབས་ཆེན་དང་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱས་རིགས་ལ།བྱ་དགའི་དངུལ་མ་བླངས་གོང་ལ་ཐེམ་ཐོ་འམ་ཡང་ན་འབྲེལ་བ་ར་སྤྲོད་བྱེད་ཐུབ་པའི་རྒྱུ་ཆ་གཞན་དག་འདོན་སྤྲོད་བྱ་དགོས།ཞིབ་དཔྱད་བྱས་པ་བརྒྱུད་དོན་དངོས་ཡིན་ཚེ་བྱ་དགའ་སྤྲོད་རྒྱུ་དང་།བྱ་དགའི་དངུལ་གྲངས**%ལས་མང་བ་སྤྲོད་པ་དང་།བྱ་དགའ་མཐོ་ཤོས་ཁྲི**ལས་བརྒལ་མི་ཆོག སྤྱིར་བཏང་གི་བདེ་འཇགས་མངོན་མེད་རྐྱེན་ངན་རྣམས་ནི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཡོད་པའི་ཚན་པ་ཁག་གིས་ལས་སྒོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སོ་སོས་བྱ་དགའི་དངུལ་གྲངས་གཏན་འཁེལ་བྱས་པར་མཐོ་ཤོས་ལ་སྒོར****ལས་མི་མཐོ་བ་དང་། མང་ཚོགས་ལ་སྟབས་བདེ་བསྐྲུན་ནས་ཐེར་འདོན་བྱ་དགའ་སྤྲོད་པ་དང་། ཐེར་འདོན་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ཐུབ་བྱེད་པ། རྒྱུན་དུ་མཐོང་བའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་རྒྱུ་དེ་དྲ་ཐོག་ནས་ཁ་པར་རིན་པ་བླུགས་པ་སོགས་ཀྱི་བྱ་ཐབས་སྤྱད་ན་ཆོག་པ་དང་དངུལ་བླུགས་པའི་དངུལ་གྲངས་སྒོར**ནས་སྒོར***བར་སྤྲོད་པ། (གཉིས།)ལས་འཛོལ་སྙན་སེང་མ་ཞུས་པ་དང་རྫུན་ཞུ་བྱས་པའི་གནད་དོན་ཐེར་འདོན་བྱེད་རིགས་ལ་མཐའ་མར་གཏན་འཁེལ་བྱས་པའི་ལས་འཛོལ་གྱི་རིམ་པ་དང་ཤི་བའི་མི་གྲངས་ལ་གཞིགས་ནས་བྱ་དགའ་སྤྲོད་རྒྱུ་དང་།དེའི་ནང་སྤྱིར་བཏང་གི་ལས་འཛོལ་བྱུང་རིགས་མྱུལ་ཞིབ་མཐའ་གསལ་བྱུང་ནས་དོན་དངོས་ཡིན་ཚེ་མི*ལ་བྱ་དགའ་སྒོར་ཁྲི*སྤྲོད་རྒྱུ་དང་།བྱུར་རྐྱེན་ཆེ་རིགས་མྱུལ་ཞིབ་མཐའ་གསལ་བྱུང་ནས་དོན་དངོས་ཡིན་ཚེ་མི*ལ་བྱ་དགའ་སྒོར་ཁྲི*སྤྲོད་རྒྱུ།བྱུར་རྐྱེན་ཚབས་ཆེན་བྱུང་རིགས་མྱུལ་ཞིབ་བྱས་ནས་སྙན་སེང་མ་ཞུས་པའི་རིགས་ཐེར་འདོན་བྱས་པའི་གནས་ཚུལ་དོན་དངོས་ཡིན་ཚེ་མི*ལ་བྱ་དགའ་སྒོར་ཁྲི་*སྤྲོད་རྒྱུ།བྱུར་རྐྱེན་ཧ་ཅང་ཚབས་ཆེན་བྱུང་རིགས་མྱུལ་ཞིབ་བྱས་ནས་སྙན་སེང་མ་ཞུས་པའི་རིགས་ཐེར་འདོན་དོན་དངོས་ཡིན་ཚེ་མི*ལ་བྱ་དགའ་སྒོར་ཁྲི་*སྤྲོད་རྒྱུ།བྱ་དགའ་མཐོ་ཤོས་སྒོར་ཁྲི**ལས་མི་བརྒལ་རྒྱུ། དོན་ཚན་བཅུ་བདུན་པ།མི་མང་པོས་དོན་དག་གཅིག་ལ་ཐེར་འདོན་ཐེངས་མང་བྱས་རིགས་ལ།བདག་སྤྲོད་བྱེད་ཡུན་སྔོན་ལ་ཐེར་འདོན་གོང་ཞུ་བྱེད་མཁན་ལ་བྱ་དགའ་སྤྲོད་རྒྱུ་དང་།རྗེས་མཐུད་ཐེར་འདོན་གོང་ཞུ་བྱེད་མཁན་ལ་བྱ་དགའ་སྤྲོད་མི་དགོས།མི་མང་པོས་མིང་ཐོ་མཉམ་འགོད་ཀྱིས་དོན་དག་གཅིག་ལ་ཐེར་འདོན་བྱས་ན།ཐེར་འདོན་གྱི་རང་མིང་འགོད་མཁན་དང་པོའམ་ཡང་ན་རང་མིང་འགོད་མཁན་དང་པོས་ཡིག་ཐོག་ནས་མངག་བཅོལ་བྱས་པའི་རང་མིང་འགོད་མཁན་གཞན་དག་གིས་བྱ་དགའི་དངུལ་ལེན་རྒྱུ། དོན་ཚན་བཅོ་བརྒྱད་པ།ཐེར་འདོན་བྱེད་མཁན་ལ་བྱ་དགའ་ཐོབ་པའི་བརྡ་ཐོ་འབྱོར་རྗེས་ཀྱི་ཉིན**ནང་ཐེར་འདོན་བྱེད་མཁན་གྱི་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་དམིགས་འཛུགས་བྱས་པའི་ས་ཆར་བྱ་དགའི་དངུལ་ལེན་པའམ་ཡང་ན་དངུལ་ཁང་གི་བྱང་བུའི་ཨང་གྲངས་འདོན་སྤྲོད་བྱས་ཏེ་རྩིས་སྤོ་བྱེད་ཐབས་ལ་བརྟེན་ནས་ལེན་དགོས།ལས་དུས་ཡོལ་ཡང་བྱ་དགའི་དངུལ་མ་བླངས་ན་བྱ་དགའི་དངུལ་ལེན་པའི་དབང་ཆ་དོར་བར་བརྩི་རྒྱུ།ལུགས་མཐུན་གྱི་རྒྱུ་མཚན་གསལ་བཤད་བྱེད་ཐུབ་ན་ཉིན**ནར་འགྱངས་བྱས་ནས་བྱ་དགའི་དངུལ་བླངས་ཆོགཐེར་འདོན་བྱེད་མཁན་གྱིས་རང་འགུལ་ངང་བྱ་དགའ་མ་བླངས་ན་བྱ་དགའ་སྤྲོད་པའི་གོ་རིམ་སྤེལ་མཚམས་འཇོག་རྒྱུ། དོན་ཚན་བཅུ་དགུ་པ།བྱ་དགའི་དངུལ་གྱི་དངུལ་གྲངས་ཞིབ་ཕྲ་ནི་ཐེར་འདོན་དོན་གནད་ཞིབ་བཤེར་དང་ཐག་གཅོད་བྱེད་མཁན་རིམ་པ་ཁག་གི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་བའི་ཚན་པ་ཁག་གིས་གནས་ཚུལ་དངོས་ལ་གཞིགས་ནས་གཏན་འཁེལ་བྱ་རྒྱུ་དང་།ཐེར་འདོན་བྱས་པའི་བྱ་དགའི་དངུལ་ཐེངས་གཅིག་ལ་སྤྲོད་དགོས། ལེའུ་བཞི་པ།ལྟ་སྐུལ་དང་དོ་དམ་བྱེད་ཕྱོགས་སྐོར། དོན་ཚན་ཉི་ཤུ་པ།སྲིད་གཞུང་རིམ་པ་ཁག་གིས་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ལས་འཛོལ་འབྱུང་གཞི་ཚབས་ཆེན་དང་ཁྲིམས་འགལ་གྱི་བྱ་སྤྱོད་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་པའི་ལས་དོན་དེ་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་བྱེད་ཁོངས་སུ་འཇུག་དགོས། དོན་ཚན་ཉེར་གཅིག་པ།རིམ་པ་ཁག་གི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་བའི་ཚན་པ་ཁག་གིས་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ལས་འཛོལ་འབྱུང་གཞི་ཚབས་ཆེན་དང་།ཁྲིམས་དང་མི་མཐུན་པའི་ཁྲིམས་འགལ་བྱ་སྤྱོད་དང་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་རྫུན་ཞུ་བྱས་པའི་བྱ་སྤྱོད་ཐེར་འདོན་བྱས་རིགས་ལ་བདག་སྤྲོད་དང་།ཞིབ་བཤེར།ཐག་གཅོད།མཐུན་སྦྱོར།སྒྲུབ་སྐུལ།སྐྱེལ་སྤྲོད།ལན་འདེབས་པ།བསྡོམས་རྩིས།སྙན་ཞུ་སོགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་མ་ཟད།ཐེར་འདོན་དོན་གནད་ཀྱི་ཡིག་ཚགས་ཀྱི་དཔྱད་གཞིའི་ཡིག་རིགས་དང་རྩིས་ཁྲ་བཟོས་ནས་དུས་ཐོག་ཏུ་ཡིག་ཚགས་སུ་བཅུག་སྟེ་དཔྱད་གཞིར་ཉར་འཇོག་བྱ་དགོས། དོན་ཚན་ཉེར་གཉིས་པ།བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཐེར་འདོན་བྱ་དགའི་མ་དངུལ་དེ་རང་རྫོང་གི་ནོར་སྲིད་སྔོན་རྩིས་ནང་འཇུག་པ་དང་།ཆེད་དངུལ་ཆེད་སྤྱོད།ནོར་སྲིད་དང་རྩིས་བཤེར་སོགས་ཚན་པ་ཁག་གི་ལྟ་སྐུལ་དང་ཞིབ་བཤེར་དང་ལེན།རང་འགུལ་ངང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཆེད་དོན་འགན་འཁྲིའི་ལྟ་སྐུལ་དང་ལེན་བཅས་བྱ་དགོས། དོན་ཚན་ཉེར་གསུམ་པ།ཐེར་འདོན་གོང་ཞུ་བྱེད་མཁན་གྱིས་ཐེར་འདོན་གོང་ཞུ་བྱས་པའི་དོན་དག་དོན་དངོས་དང་མཐུན་ཞིང་བདེན་པ་བདེན་ཐུབ་ཡིན་དགོས་པ་ལས།དོན་དངོས་རྫུན་བཟོ་དང་འཁྱོག་བཤད་བྱས་མི་ཆོག་པ་དང་།མི་གཞན་དག་དང་ཚན་པ་ལ་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་བྱས་མི་ཆོགདེ་ལྟར་མ་བྱས་ན་རྩད་ཆོད་མཐའ་གསལ་བྱུང་མཚམས་སུ་བཅའ་ཁྲིམས་ལྟར་ཐེར་འདོན་གོང་ཞུ་བྱེད་མཁན་གྱི་ཁྲིམས་འབྲེལ་ཁུར་འཁྲི་བདའ་འདེད་གཏོང་དགོས། དོན་ཚན་ཉེར་བཞི་པ།རྒྱལ་ཁབ་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་ཐེར་འདོན་གནད་དོན་ཐག་གཅོད་བྱེད་རིང་གཤམ་གསལ་གནས་ཚུལ་ལས་རིགས་གཅིག་བྱུང་ན་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་གཏོང་རྒྱུ་སྟེ། (གཅིག)ཁྲིམས་བཀོད་འགན་དབང་གི་ཁོངས་སུ་གཏོགས་པའི་ཐེར་འདོན་གནད་དོན་བདག་སྤྲོད་མི་བྱེད་པ། (གཉིས།)ཐོ་འགོད་དང་།མངག་བཀོད།རྩིས་སྤྲོད་བཅས་བྱ་དགོས་ཀྱང་གཏན་འབེབས་ལྟར་ཐོ་འགོད་དང་།མངག་བཀོད།རྩིས་སྤྲོད་བཅས་མ་བྱས་པ། (གསུམ།)ཐེར་འདོན་གནད་དོན་རང་འགན་གཞན་དཀྲི་དང་།གཡོ་ཟོལ་སླ་བཅོས།ཕྱིས་འགྱངས་བཅས་བྱས་ནས་བསྒྲུབས་པ་དང་།གཏན་ལ་ཕབ་པའི་དུས་བཀག་ནང་ཐེར་འདོན་གནད་དོན་མ་བསྒྲུབས་པའམ་ཡང་ན་ཐེར་འདོན་བྱེད་མཁན་ལ་ཁྲིམས་ལྟར་ལན་མ་བཏབ་པ།དེ་བཞིན་གཏན་འབེབས་ལྟར་དུས་ཐོག་ཏུ་བྱ་དགའ་མ་སྤྲད་པ། (བཞི།)ལྟ་སྐུལ་འགན་འཁྲི་དུས་ཐོག་ཏུ་མ་བསྒྲུབས་པ། (ལྔ།)གསང་སྲུང་གཏན་འབེབས་དང་འགལ་ཏེ་ཐེར་འདོན་བྱས་པའི་འབྲེལ་ཡོད་དོན་དག་ཕྱིར་བསྒྲགས་བྱས་པའམ་ཡང་ན་ཐེར་འདོན་བྱས་པའི་འབྲེལ་ཡོད་དཔྱད་ཡིག་དང་།ཐེར་འདོན་བྱས་པའི་ནང་དོན།ཐེར་འདོན་བྱེད་མཁན་གྱི་བརྡ་འཕྲིན།བྱ་དགའ་སྤྲད་ཚུལ་སོགས་ཐེར་འདོན་བྱ་ཡུལ་ཚན་པའམ་ཐེར་འདོན་བྱ་ཡུལ་ལ་གསང་རྟོལ་དང་བརྒྱུད་སྤྲོད་བྱས་རིགས་བཅས་ཡིན། ལེའུ་ལྔ་པ།ཞར་བྱུང་དོན་ཚན། དོན་ཚན་ཉེར་ལྔ་པ།བྱེད་ཐབས་འདིར་བཤད་པའི་དངོས་མིང་ཐེར་འདོན་ཞེས་པ་ནི་ཐེར་འདོན་བྱེད་མཁན་གྱིས་རང་མིང་ངོ་མ་དང་འབྲེལ་གཏུག་བྱེད་ཐབས་ངོ་མ་འདོན་སྤྲོད་བྱས་པའི་ཐེར་འདོན་བྱ་སྤྱོད་ལ་ཟེར། དོན་ཚན་ཉེར་དྲུག་པ།བྱེད་ཐབས་འདི་རྫོང་འཕྲལ་རྐྱེན་མྱུར་སེལ་དོ་དམ་ཅུད་དང་རྫོང་ནོར་སྲིད་ཅུད་ཀྱིས་གསལ་འགྲེལ་བྱེད་རྒྱུ། དོན་ཚན་ཉེར་བདུན་པ།བྱེད་ཐབས་འདི་དཔར་འགྲེམས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

相关推荐

打开中招网APP查看更多信息
招标网首页 > 招标公告 >

注册

客服电话400-633-1888
版权所有 © 2005-2024 招标网 zhaobiao.cn

该项目详情注册或登录后可继续操作查看

登录